Posts

Showing posts from April, 2019

ཐེག་ཆེན་གསོ་སྦོང་གི་སོམ་པ་ལེན་ཚུལ། The Sojyong Vows

ཐེག་ཆེན་གསོ་སྦོང་གི་སོམ་པ་ལེན་ཚུལ། ༄༅། ༈ སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། །ཕོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རོགས་པའི་བྱང་ཆུབ་ཕིར། །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། ༈ ཐམས་ཅད་དུ་ནི་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་འཐིལ་ལྟར་མཉམ་བཻཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ལྷ་དང་མི་ཡི་མཆོད་པའི་རས། །དངོས་སུ་བཤམས་དང་ཡིད་ཀིས་སྤྲུལ། །ཀུན་བཟང་མཆོད་སྤྲིན་བླ་ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག །ཨོཾ་ན་བྷ་ག་ཝ་ཏེ། བཛྲ་ས་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ་ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མཧཱ་བོ་དི་ཙིཏྟ་བཛྲེ། མཧཱ་བོ་དི་མཎ་ཊོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་ད་ན་བཛྲེ་སྭཱཧཱ། ༈ དཀོན་མཆོག་གསུམ་གི་བདེན་པ་དང་། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ཀི་བྱིན་གིས་བརླབས་དང་། ཚོགས་གཉིས་ཡོངས་སུ་རོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀི་དབྱིངས་རྣམ་པར་དག་ཅིང་བསམ་གིས་མི་ཁྱབ་པའི་སོབས་ཀིས་དེ་བཞིན་ཉིད་དུ་གྱུར་ཅིག ། ༈ མ་ལུས་སེམས་ཅན་ཀུན་གི་...

༈ མཇུག་བསྔོ་བ་བཞུགས་སོ་དང་བཀྲ་ཤིས་ཁག་བཞུགས་སོ།། Dedication Prayer and Noble Auspecious Prayer

༈ མཇུག་བསྔོ་བ་བཞུགས་སོ།། བྱང་ཆུབ་སེམས་མཆོག་རིན་པོ་ཆེ༔ མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག༔ སྐྱེས་པ་ཉམས་པ་མེད་པ་ཡང་༔ གོང་ནས་གོང་དུ་ འཕེལ་བར་ཤོག༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་པར་ཤོག༔ བྱང་ ཆུབ་སེམས་དཔའ་གང་དག་སར་བཞུགས་པ༔ དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག༔ རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་ རྫོགས་པ་མཐར་ཕྱིན་ནས། །ཆོས་རྔ་སྒྲོག་པའི་འཇིག་རྟེན་མཛེས་པར་ཤོག། སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་ གཉིས་ལྷུན་གྱིས་འགྲུབ་པར་ཤོག ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ན་ཉེས་པས་དགྲ་ རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་འགྲོལ་བར་ཤོག། ༈ བཀྲ་ཤིས་ཁག་བཞུགས་སོ།།   སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དར་ཞིང་། རྒྱས་པ་ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །...

༈ བསྟན་རྒྱས་སྨོན་ལམ་ཕྱོགས་བཅུ་དུས་བཞི་བཞུགས་སོ།། Tengye Monlam

༈ བསྟན་རྒྱས་སྨོན་ལམ་ཕྱོགས་བཅུ་དུས་བཞི་བཞུགས་སོ།།   ཨཾ༔ ན་མོ་གུ་རུ༔ སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ་བསམ་ཡས་བར་ཁང་གཡུ་ཞལ་ཅན་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ་ཨོ་རྒྱན་གྱིས་སྨོན་ལམ་འདི་ གསུངས་པས་རྗེ་འབངས་ཐམས་ཅད་ཀྱི་ཐུགས་དམ་ནར་མར་མཛད། ཕྱི་རབས་རྣམས་ཀྱིས་ཀྱང་འདི་ལ་ཐུགས་དམ་རྩེ་གཅིག་ཏུ་མཛོད། ཕྱོགས་བཅུ་དུས་ བཞིའི་རྒྱལ་བ་སྲས་དང་བཅསཿ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགསཿ མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་ གསོལ༔ མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགསཿ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་ གསང་བ་དེ་བཞིན་ཉིད་ཀྱིས་མཆོད༔ རྟེན་མཆོག་བདེ་གཤེགས་རྣམས་ཀྱི་སྤྱན་སྔ་རུ༔ སྔོན་གྱི་སྡིག་པའི་ཚོགས་ལ་ བདག་གནོང་ཞིང་༔ ད་ལྟའི་མི་དགེ་འགྱོད་པས་རབ་ཏུ་བཤགསཿ ཕྱིན་ཆད་དེ་ལས་ལྡོག་ཕྱིར་བདག་གིས་བསྡམ༔ བསོད་ནམས་དགེ་ཚོགས་ཀུན་ལ་ཡི་རང་ངོ་༔ རྒྱལ་བའི་ཚོགས་རྣམས་མྱ་ངན་མི་འདའ་བརཿ སྡེ་སྣོད་གསུམ་དང་བླ་ མེད་ཆོས་འཁོར་བསྐོར༔ དགེ་ཚོགས་མ་ལུས་འགྲོ་བའི་རྒྱུད་ལ་བསྔོ༔ འགྲོ་རྣམས་བླ་མེད་ཐར་པའི་སར་ཕྱིན་ཤོག༔ སངས་རྒྱས་སྲས་བཅས་བདག་ལ་དགོངས་སུ་གསོལ༔ བདག་གིས་བརྩམས་པའི་སྨོན་ལམ་རབ་བཟང་འདི༔ རྒྱལ་བ་ ཀུན་ཏུ་བཟང་དང་དེ་སྲས་དང་༔ འཕགས་པ་འཇམ་དཔལ་...

སྣང་བ་མཐའ་ཡས་ཀྱི་སྨོན་ལམ།། Nangwathaya Monlam ~ Amitabah Buddha Prayers

Image
༈ སྣང་བ་མཐའ་ཡས་ཀྱི་སྨོན་ལམ་བཞུགས་སོ།།   ཧྲཱི ༔ སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན། །འཕགས་པ་མིན་པ་མི་བཞུགས་ཏེ། །རྒྱུད་དྲུག་འཁོར་བའི་མིང་ཡང་མེད། །སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག། །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན། །འཕགས་པའི་ཤེས་རབ་འོད་ འཕྲོས་པས། །ཉིན་མོ་མཚན་མོ་མིང་ཡང་མེད། །སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡ་ཀྱི་ ཞིང་ཁམས་ན། །རིན་ཆེན་སྣ་ཚོགས་རབ་བརྒྱན་པའི། །ས་དང་རྡོཡི་མིང་ཡང་མེད། །སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་ བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན། །རྣམ་སྣང་སྤོས་ཀྱི་ངད་ལྡན་པའི། །འཇིག་རྟེན་རླུང་གི་མིང་ཡས་མེད། །སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན། །བྱང་ཆུབ་ཤིང་གིས་རབ་བརྒྱན་ པས། །རྩི་ཤིང་ནགས་ཚལ་གྱིས་མི་ཡང་མེད། །སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ ཞིང་ཁམས་ན། །ཏིང་ངེ་འཛིན་གྱི་ཟས་ཟ་བའི། །འཇིག་རྟེན་ཟས་ཀྱི་མིང་ཡང་མེད། །སྣང་བ་མཐའ་ཡ་ཀྱི་ཞིང་ཁམས་ ན། །ཐམས་ཅད་མཉམ་ཉིད་གནས་པ་ལ། །ངན་འགྲོ་གཡང་སའི་མིང་ཡང་མེད། །སྣང་བ་མཐའ་ཡས་ཀྱི་ཞིང་དེར་སྐྱེ་བར་ཤོག །སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་ན། །ཆོས་ཀྱི་རྒྱལ་པོ་ཉིད་བཞུགས་པས། །རྒྱལ་པོ་བློན་པོའི་མིང་ཡང་ མེད། །སྣང་བ་མཐ...

༈ བདེ་སྨོན་བསྡུས་པ།། Dhemon Dui Pa ~ Brier Sukhawati Prayer

Image
༈ བདེ་སྨོན་བསྡུས་པ།།   ༄༅། །ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་མཐའ་ཡས་དང༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་ མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་ནི་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་ བ་གཞན་གྱིས་བར་མ་ཆོད་པར་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་ པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ གེགས་མེད་འགྲུབ་པརབྱིན་གྱིས་བརླབ་ཏུ་གསོལ༔ ཏདྱ་ཐཱ། པཉྩ་དྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གསུམ་སྐབས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་དངོས་སུ་གསུངས་པའོ།།   ཕྱོགས་དུས་རྒྱལ་བ་སྲས་ བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གིས་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་ གསུམ་ལ་མཆོད་པ་འབུལཿ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་ རྒྱས་ཐོབ་གྱུར་ཅིག དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ ཚོགས་རྫོགས་ཏེ༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ན...

མར་མེའི་སྨོན་ལམ་བཞུགས་སོ།། Marme Monlam ~ Lamp Offering Prayer.

Image
༈ ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ་བཞུགས་སོ།།   མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག །སྡོང་བུ་ནི་རིའི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག །མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག །གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་ དུང་ཕྱུར་རེ་རེ་འབྱུང་བར་གྱུར་ཅིག །འོད་ཀྱིས་སྲིད་པའི་རྩེ་མོ་མན་ཆད་ནས། མནར་མེད་པའི་དམྱལ་བ་ཡན་ཆད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་བསལ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐམས་ཅད་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག ཨོཾ་བཛྲ་ཨ་ལོ་ཀེ་ཨཱཧཱུཾ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་སྣང་གསལ་སྒྲོན་མེ་འདི། །བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི། །རབ་ འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དཀྱིལ་འཁོར་ལྷ་ཚོགས་ རྣམས་ལ་འབུལ་བར་བགྱི། །ཕ་མས་གཙོ་བྱས་སེམས་ཅན་ཐམས་ཅད་ཀུན། །ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །རྫོགས་སངས་རྒྱས་ པའི་ཞིང་ཁམས་མངོན་མཐོང་ནས། །འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག །དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱི། །བདེན་པའི་མཐུ་ཡིས་སྨོན་ལམ་འདི་བཏབ་སྟེ། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཏདྱ་ཐཱ།...

མདོ་སྡེ་ཕལ་པོ་ཆེ་ལས་བྱུང་བའི་བཟང་སྤྱོད་སྨོན་ལམ་བཞུགས་སོ། Sang Choid Monlam, Samantabhadra Aspiration to good Action.

Image
༈ མདོ་སྡེ་ཕལ་པོ་ཆེ་ལས་བྱུང་བའི་བཟང་སྤྱོད་སྨོན་ལམ་བཞུགས་སོ།།   ༈ དེ་ནས་བཤགས་སྦྱང་བགྱིས་པའི་དགེ་བའི་རྩ་བ་མཐའ་དག་རྫོགས་བྱང་དུ་བསྔོ་ཞིང་སྨོན་ལམ་གདབ་པའི་རིམ་པ་ལ། མདོ་སྡེ་ཕལ་པོ་ཆེ་ལས་བྱུང་བའི་བཟང་པོ་སྤྱོད་པའི་སྨོན་ལམ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོས་བསྐལ་པ་དང་། བསྐལ་པ་འབྱམས་ཀླས་པ་དང་། འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་རྡུལ་ཤིན་ཏུ་ཕྲ་བ་སྙིང་པོ་དེ་དག་བརྣན་ཏེ་མངོན་པར་མཛད་པའི་ཕྱིར་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་བཏབ་པ། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙརྱ་པྲ་ཎི་དྷཱ་ན་རཱ་ཛ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒ...

༈ ཕུང་པོ་གསུམ་པའི་མདོ་བཞུགས་སོ།། Tung Shya

Image
༈ ཕུང་པོ་གསུམ་པའི་མདོ་བཞུགས་སོ།།   ༄༅། །སྡིག་པ་བཤགས་པའི་ཡན་ལག་ནི་མཚམས་མེད་སྤྱད་པའི་སྡིག་པའང་སྦྱང་ནུས་པར་གསུངས་པས་གཙོ་བོར་ཕུང་པོ་གསུམ་པའི་མདོ་འདོན་པ་འདི་ཉིད་གལ་ཆེ་སྟེ། ཐོག་མར་མདུན་དུ་སངས་རྒྱས་སུམ་ཅུ་རྩ་ལྔ་གསལ་བར་དམིགས་པའི་དྲུང་དུ་སྙིང་ཐག་པ་ནས་སྡིག་པ་བཤགས་པའི་བློས། སེམས་ཅན་ཐམས་ཅད་རྟག་པར་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་ སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ལོ། །རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ་ལོ། །ཀླུ་ དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །དཔལ་དགྱེས་ལ་ཕྱག་འཚལ་ལོ། །རིན་ཆེན་མེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་འོད་ལ་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་བ་ལ་ ཕྱག་འཚལ་ལོ། །དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །དཔལ་བྱིན་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །ཆུ་ལྷ་ལ་ཕྱག་འཚལ་ལོ། །ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །དཔལ་བཟང་ལ་ཕྱག་ འཚལ་ལོ། །ཙན་དན་དཔལ་ལ་ཕྱག་འཚལ་ལོ། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ...

མཎྜལ་འབུལ་བ་ནི། Mendal Offering

Image
༈ མཎྜལ་བཞུགས་སོ།།   ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུཾ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། །ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་ སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། །དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་པ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་ གྱིས་...

༈ ཡན་ལག་བདུན་པ་ནི། yenlag Dunpa~ The Seven Branches

Image
༈ ཡན་ལག་བདུན་པ་ནི།   འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གི་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡི། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག། །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་ གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས།...

གསོལ་འདེབས་རྒྱལ་ཀུན་སྐྱེས་ཡུམ་བཞུགས་སོ།

༈ གསོལ་འདེབས་རྒྱལ་ཀུན་སྐྱེས་ཡུམ་བཞུགས་སོ།།   རྒྱལ་ཀུན་སྐྱེས་ཡུམ་ཆོས་དབྱིངས་ཀུན་བཟང་མོ༔ བོད་འབངས་སྐྱོབས་པའི་མ་གཅིག་དྲིན་མོ་ཆེ༔ དངོས་གྲུབ་མཆོག་སྩོལ་བདེ་ཆེན་མཁའ་འགྲོའི་གཙོ༔ ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབསཿ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས༔ ནད་མུག་མཚོན་བསྐལ་ཞི་བར་བྱིན་གྱིས་རློབས༔ བྱད་ཕུར་རྗོད་གཏོང་ཞི་བར་བྱིན་གྱིས་རློབས༔ ཚེ་དཔལ་ཤེས་རབ་རྒྱས་པར་བྱིན་གྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་ གྱིས་རློབས༔ ༈ དུས་གསུམ་སངས་རྒྱས་ནི།  དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་ བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༈གསོལ་འདེབས་བསམ་པ་ལྷུན་འགྲུབ་བཞུགས་སོ།

Image
༈ གསོལ་འདེབས་བསམ་པ་ལྷུན་འགྲུབ་བཞུགས་སོ།།   ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ༴ བསམ་པ་ལྷུན་གྱིས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ ...

༈ གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ།།

Image
༈ གསོལ་འདེབས་བར་ཆད་ལམ་སེལ་བཞུགས་སོ།།   ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛདཿ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཏྟཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔ རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ༔ བརྩེ་བས༴ དགོངས་པས༴ ནུས་པས༴ ཕྱི་ཡི༴ ནང་གི༴ གསང་བའི༴ གུས་པས༴ ཨོཾ་ཨཱཿཧཱུྃ༴ དམ་ཆོས་རིན་ཆེན་གསན་པའི་ ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུསྟི་བསྣམས༔ ཟབ་མོའི་ཆོས་རྣམས་...

༈ ཚིག་བདུན་གསོལ་འདེབས་ནི།། Seven line prayer to Guru Rinpoche

Image
༈ ཚིག་བདུན་གསོལ་འདེབས་ནི།།   ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔  ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔  འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔  བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔  མ་ཧཱ་གུ་རུ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང་། །ཁྱིད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག། ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་འདིར། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་ དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།། ༈ དུས་གསུམ་སངས་རྒྱས་ནི།   དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔  བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔  ཕྱི་ནང་གསང་བའི་ བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༈ སྐྱབས་གྲོ།། Kyabdo ~ Refuge to three Jewels

Image
༈ སྐྱབས་གྲོ།།   དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫ་ཤྲཱི་ཡེ། ན་མོ་སུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་ཏེ། ཀུན་གྱིས་བྱེད་པོ་བླ་མ་ཡིན། བླ་མ་རྣམས་ལ་ཕྱག་འཚལ་ལོ།། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ་བརྗོད། ༈ ཚད་མེད་བཞི། ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག། ལན་གསུམ་བརྗོད།

༄༅། །ལེགས་བཤད་ལྗོན་དབང་། ། Lekshe jon wang.

Image
༄༅། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་ དབང་པོ་བཞུགས་སོ། ། ༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་བྱ་བ་གསལ་བོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་ པ་དང་། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི། །འ་དང་མཐའ་མེད་འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར...

Short Prayer Book

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫ་ཤྲཱི་ཡེ། ན་མོ་སུ་ཤྲཱི་ཡེ། ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ། བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་ཏེ། ཀུན་གྱིས་བྱེད་པོ་བླ་མ་ཡིན། བླ་མ་རྣམས་ལ་ཕྱག་འཚལ་ལོ།། ༈ སྐྱབས་གྲོ།། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ལན་གསུམ་བརྗོད། ༈ ཚད་མེད་བཞི། ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག། སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག། ལན་གསུམ་བརྗོད། ༈ ཚིག་བདུན་གསོལ་འདེབས་ནི།། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་ གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་ཧཱ་གུ་རུ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང་། །ཁྱིད་ཀྱ...

༈ བློ་སྦྱོང་ཚིགས་བརྒྱད་མ་།།सात बँदे मतिशोधन The Seven Point of mind training in Nepali

  ༄༅། བཀའ་གདམས་པ་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ་བཞུགས་སོ།། कदम्पा कल्याणमित्र लारी थाङ्पा दोर्जे सेङ्गेद्वारा विरचित अष्ट श्लोकी मतिशोधन (सात बँदे मतिशोधन) ༡༽ ༈ བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། དོན་མཆོག་།   སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག ། दाग नी सेमचेन थामचेला । यिसिन नोर्बु ले लाग पी । दोन छ्योग डुब्पी सामपा यी । ताग तु चेपार जिन पार स्योग । चित्तमणि रत्नभन्दा पनि उत्तमसमस्त सत्त्व प्राणीहरुका सर्वोत्तम कल्याण गर्ने अधिष्ठानका साथ म तिनीहरुलाई अत्यन्तै धेरै माया गर्न सिक्नेछ । ༢༽ གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང་། གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག་ ། जब म अरुसित संगत गर्छु म घाङ दु सु दाङ डोग पि छे । दाग ङि कुन ले मेन ता शिङ । स्येन ला सामपा थागपा यि । छ्योग तु चे पि जिन पार स्योग । आफूलाई सबभन्दा तल्लो व्यक्तिको रुपमा सोच्न सिक्नेछ र अरुलाई आदरका साथ म मेरो हृदयको भित्री गहिराईदेखि नै सर्वोच्च ठान्नेछ । ༣༽ སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །ར...